

26 Oct 2021 · 4y 11m ago · moment 371 of 945

4y 11m ago
26 Oct 2021· from Facebook
ལྷ་བབས་དུས་ཆེན་གྱི་ཉིནམ་བརྩི་སྲུང་ཞུ་དགོ་པའི་སྐོར། ལོ་ལྟར་བཞིན་དུ་ རང་ཟླ་༩ པའི་ཚེས་༢༢ ལུ་ སྤྱིར་ནང་པ་སངས་རྒྱས་ཀྱི་བསྟན་དར་ས་དང་ བྱེ་བྲག་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲུང་ཞུཝ་དང་གཅིག་ཁར་ སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིིས་ བཀའ་ཡི་དགོངས་པ་དང་འཁྲིལ་ དྲིན་ཅན་ཨའི་གི་ཉིནམ་སྦེ་ཡང་ བརྩི་སྲུང་ཞུཝ་ཨིན། སངས་རྒྱས་ཤཱཀྱ་ཐུབ་པ་ སྐུ་འཁྲུངས་སྟེ་བདུན་ཕྲག་གཅིག་གི་ཤུལ་ལས་ ཡུམ་སྒྱུ་མ་ལྷ་མཛེས་འདི་ཞིང་ལུ་ཕེབས་ནུག དེ་ལས་ སངས་རྒྱས་ཁོ་རང་ མངོན་པར་རྫོགས་པར་སངས་རྒྱས་ཏེ་ དགུང་ལོ་༤༡ བཞེས་པའི་ཆུ་བསྟོད་ཟླ་བའམ་ ཧོར་ཟླ་༦ པའི་ཚེས་༡༥ ལུ་ ལྷ་ཡུལ་སུམ་ཅུ་རྩ་གསུམ་ལུ་ ཡུམ་གྱི་དྲིན་ལན་འཇལ་ནི་དོན་ལུ་ ཆོས་གསུངས་པར་བྱོན་ཏེ་ ཚེས་༡༦ ལས་འགོ་བཟུང་སྟེ་ སྐྱེད་ཚལ་ཀོ་བི་ད་རའི་དྲུང་དུ་ དབྱར་གནས་ཟླཝ་གསུམ་ལུ་བཞུགས་པར་ཞལ་བཞེས་མཛད་དེ་ལ་བ་དཀར་པོའི་རྡོ་ལེབ་ཀྱི་ཐོག་ལུ་བཞུགས་ཏེ་ ཡུམ་གྱིས་གཙོས་པའི་ལྷ་དང་ལྷ་མོ་ཚུ་དང་ ཆོས་འཁོར་སྐོར་སྦེ་བཞུགས་ནུག དེ་བསྒང་ དད་ཅན་གྱི་འཁོར་ དགེ་བསྙེན་ཕ་མ་གཉིས་དང་ དགེ་སློང་ཕ་མ་གཉིས་ཏེ་ འཁོར་རྣམ་པ་བཞི་དང་ ཆོས་སྦྱིན་རྒྱལ་པོ་གཟུགས་ཅན་སྙིང་པོ་སོགས་ སངས་རྒྱས་མཇལ་བའི་གོ་སྐབས་མ་ཐོབ་པར་ མུན་པའི་སྐལ་པ་བཟུམ་ཅིག་ནང་སྡོད་ནུག མངོན་ཤེས་ཐོགས་མེད་ སློབ་མ་ཤཱ་རི་བུ་གིས་ མངོན་ཤེས་གཟིགསཔ་ད་ སངས་རྒྱས་འདི་ལྷ་ཡུལ་ལུ་ཆོས་གནང་སྟེ་བཞུགསཔ་མཁྱེན་ཏེ་ རྫུ་འཕྲུལ་ཐོགས་མེད་ སློབ་མ་མོའུ་འགལ་གྱི་བུ་ལུ་ དད་ཅན་རྣམས་ཀྱིས་ སངས་རྒྱས་ལོག་སྟེ་མི་ཡུལ་ལུ་གདན་འདྲེན་ཞུ་བར་བྱོན་དགོ་པའི་གསོལཝ་བཏབ་ནུག སློབ་མ་མོའུ་འགལ་བུ་གིས་ རྫུ་འཕྲུལ་ཐོག་ལས་ ཟླཝ་༩ པའི་ཚེས་༡༥ ལུ་ ལྷ་ཡུལ་སུམ་ཅུ་རྩ་གསུམ་ལུ་བྱོན་ཞིན་ན་ སངས་རྒྱས་ལུ་གསོལཝ་བཏབ་བཞིན་དུ་ སངས་རྒྱས་ཀྱིས་ཡང་ བཞག་བདུན་གྱི་ཤུལ་ལུ་ འཛམ་གླིང་ནང་ལོག་བྱོན་ནི་གི་ཞལ་བཞེས་མཛད་གནང་ནུག ཞལ་བཞེས་དང་འཁྲིལ་ ཟླཝ་༩ པའི་ཚེས་༢༢ ལུ་ སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་ དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་བཅས་ འཇིག་རྟེན་མི་ཡུལ་བྱོན་གནང་མ་ལས་ དུས་ཆེན་གྱི་མཚན་ཡང་ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཞུཝ་ཨིན། དེ་བསྒང་ འཁོར་རྣམ་པ་བཞི་དང་ རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པའི་ འདུལ་བྱ་ག་ར་ དགའ་སྤྲོ་ཚད་མེད་ངང་ལས་ཕེབས་དང་ཕྱག་ དེ་ལས་གསོལ་འདེབས་དང་བསྙེན་བཀུར་ཞབས་ཏོག་ཞུཝ་ལས་ དུས་བཟང་འདི་ལུ་དགེ་བའི་ལཱ་ལུ་བརྩོན་པ་ཅིན་ སེམས་ཅན་རང་སོའི་རྒྱུད་ལུ་བསོད་ནམས་བསགས་ནི་ རྒྱུ་ངོ་མ་ཅིག་ཨིན་མས། དེ་དང་གཅིག་ཁར་ ང་བཅས་ར་ དྲིན་ཅན་ཨའི་གི་ཉིནམ་སྦེ་བརྩི་སྲུང་ཞུ་དགོ་མི་ ང་རའི་སེམས་ཁར་ལས་འབད་བ་ཅིན་ རང་ཟླ་དགུ་པ་དང་ ང་བཅས་ཨའི་གི་ཟླཝ་༩ ཕོཝ་ནང་འབག་སྟེ་ དཀའཝ་ག་དེ་སྦེ་སྤྱད་རུང་ སེམས་ལུ་དཔའ་མ་ཞུམ་པར་ མིའི་ལུས་རྟེན་གནང་མི་གི་ཟླཝ་གཉིསཔ་འདི་ རྟགས་མཐུནམ་མ་ཚད་ སངས་རྒྱས་ཀྱིས་ཡུམ་ལུ་དྲིན་ལན་འཇལ་ཐངས་ཀྱི་མཛད་རྣམས་ལུ་ མཇལ་བ་ཅིན་ རང་གི་ཡུམ་ལུ་བཀའ་དྲིན་བསམ་དགོཔ་འདི་ག་ནི་བ་གལ་ཆེ་ཤོས་ཅིག་ཨིན་མས། བསྡུ་སྒྲིག་འབད་མི་ ཚེ་རིང་བསམ་གྲུབ། Vསྟོབས་གཞི་ཚོགས། རྒྱབ་རྟེན་ཁུངས་གཏུགས། ཀུན་བཟང་ཕྲིན་ལས། (༢༠༠༩) དུས་བཟང་རྣམ་བཤད། ཐིམ་ཕུ། འབྲུག ཀེ་ཨེམ་ཀྲི་དཔེ་སྐྲུན་ལས་སྡེ། ལྷ་བབས་དུས་ཆེན་གྱི་ཉིནམ་བརྩི་སྲུང་ཞུ་དགོ་པའི་སྐོར། ལོ་ལྟར་བཞིན་དུ་ རང་ཟླ་༩ པའི་ཚེས་༢༢ ལུ་ སྤྱིར་ནང་པ་སངས་རྒྱས་ཀྱི་བསྟན་དར་ས་དང་ བྱེ་བྲག་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲུང་ཞུཝ་དང་གཅིག་ཁར་ སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིིས་ བཀའ་ཡི་དགོངས་པ་དང་འཁྲིལ་ དྲིན་ཅན་ཨའི་གི་ཉིནམ་སྦེ་ཡང་ བརྩི་སྲུང་ཞུཝ་ཨིན། སངས་རྒྱས་ཤཱཀྱ་ཐུབ་པ་ སྐུ་འཁྲུངས་སྟེ་བདུན་ཕྲག་གཅིག་གི་ཤུལ་ལས་ ཡུམ་སྒྱུ་མ་ལྷ་མཛེས་འདི་ཞིང་ལུ་ཕེབས་ནུག དེ་ལས་ སངས་རྒྱས་ཁོ་རང་ མངོན་པར་རྫོགས་པར་སངས་རྒྱས་ཏེ་ དགུང་ལོ་༤༡ བཞེས་པའི་ཆུ་བསྟོད་ཟླ་བའམ་ ཧོར་ཟླ་༦ པའི་ཚེས་༡༥ ལུ་ ལྷ་ཡུལ་སུམ་ཅུ་རྩ་གསུམ་ལུ་ ཡུམ་གྱི་དྲིན་ལན་འཇལ་ནི་དོན་ལུ་ ཆོས་གསུངས་པར་བྱོན་ཏེ་ ཚེས་༡༦ ལས་འགོ་བཟུང་སྟེ་ སྐྱེད་ཚལ་ཀོ་བི་ད་རའི་དྲུང་དུ་ དབྱར་གནས་ཟླཝ་གསུམ་ལུ་བཞུགས་པར་ཞལ་བཞེས་མཛད་དེ་ལ་བ་དཀར་པོའི་རྡོ་ལེབ་ཀྱི་ཐོག་ལུ་བཞུགས་ཏེ་ ཡུམ་གྱིས་གཙོས་པའི་ལྷ་དང་ལྷ་མོ་ཚུ་དང་ ཆོས་འཁོར་སྐོར་སྦེ་བཞུགས་ནུག དེ་བསྒང་ དད་ཅན་གྱི་འཁོར་ དགེ་བསྙེན་ཕ་མ་གཉིས་དང་ དགེ་སློང་ཕ་མ་གཉིས་ཏེ་ འཁོར་རྣམ་པ་བཞི་དང་ ཆོས་སྦྱིན་རྒྱལ་པོ་གཟུགས་ཅན་སྙིང་པོ་སོགས་ སངས་རྒྱས་མཇལ་བའི་གོ་སྐབས་མ་ཐོབ་པར་ མུན་པའི་སྐལ་པ་བཟུམ་ཅིག་ནང་སྡོད་ནུག མངོན་ཤེས་ཐོགས་མེད་ སློབ་མ་ཤཱ་རི་བུ་གིས་ མངོན་ཤེས་གཟིགསཔ་ད་ སངས་རྒྱས་འདི་ལྷ་ཡུལ་ལུ་ཆོས་གནང་སྟེ་བཞུགསཔ་མཁྱེན་ཏེ་ རྫུ་འཕྲུལ་ཐོགས་མེད་ སློབ་མ་མོའུ་འགལ་གྱི་བུ་ལུ་ དད་ཅན་རྣམས་ཀྱིས་ སངས་རྒྱས་ལོག་སྟེ་མི་ཡུལ་ལུ་གདན་འདྲེན་ཞུ་བར་བྱོན་དགོ་པའི་གསོལཝ་བཏབ་ནུག སློབ་མ་མོའུ་འགལ་བུ་གིས་ རྫུ་འཕྲུལ་ཐོག་ལས་ ཟླཝ་༩ པའི་ཚེས་༡༥ ལུ་ ལྷ་ཡུལ་སུམ་ཅུ་རྩ་གསུམ་ལུ་བྱོན་ཞིན་ན་ སངས་རྒྱས་ལུ་གསོལཝ་བཏབ་བཞིན་དུ་ སངས་རྒྱས་ཀྱིས་ཡང་ བཞག་བདུན་གྱི་ཤུལ་ལུ་ འཛམ་གླིང་ནང་ལོག་བྱོན་ནི་གི་ཞལ་བཞེས་མཛད་གནང་ནུག ཞལ་བཞེས་དང་འཁྲིལ་ ཟླཝ་༩ པའི་ཚེས་༢༢ ལུ་ སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་ དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་བཅས་ འཇིག་རྟེན་མི་ཡུལ་བྱོན་གནང་མ་ལས་ དུས་ཆེན་གྱི་མཚན་ཡང་ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཞུཝ་ཨིན། དེ་བསྒང་ འཁོར་རྣམ་པ་བཞི་དང་ རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པའི་ འདུལ་བྱ་ག་ར་ དགའ་སྤྲོ་ཚད་མེད་ངང་ལས་ཕེབས་དང་ཕྱག་ དེ་ལས་གསོལ་འདེབས་དང་བསྙེན་བཀུར་ཞབས་ཏོག་ཞུཝ་ལས་ དུས་བཟང་འདི་ལུ་དགེ་བའི་ལཱ་ལུ་བརྩོན་པ་ཅིན་ སེམས་ཅན་རང་སོའི་རྒྱུད་ལུ་བསོད་ནམས་བསགས་ནི་ རྒྱུ་ངོ་མ་ཅིག་ཨིན་མས། དེ་དང་གཅིག་ཁར་ ང་བཅས་ར་ དྲིན་ཅན་ཨའི་གི་ཉིནམ་སྦེ་བརྩི་སྲུང་ཞུ་དགོ་མི་ ང་རའི་སེམས་ཁར་ལས་འབད་བ་ཅིན་ རང་ཟླ་དགུ་པ་དང་ ང་བཅས་ཨའི་གི་ཟླཝ་༩ ཕོཝ་ནང་འབག་སྟེ་ དཀའཝ་ག་དེ་སྦེ་སྤྱད་རུང་ སེམས་ལུ་དཔའ་མ་ཞུམ་པར་ མིའི་ལུས་རྟེན་གནང་མི་གི་ཟླཝ་གཉིསཔ་འདི་ རྟགས་མཐུནམ་མ་ཚད་ སངས་རྒྱས་ཀྱིས་ཡུམ་ལུ་དྲིན་ལན་འཇལ་ཐངས་ཀྱི་མཛད་རྣམས་ལུ་ མཇལ་བ་ཅིན་ རང་གི་ཡུམ་ལུ་བཀའ་དྲིན་བསམ་དགོཔ་འདི་ག་ནི་བ་གལ་ཆེ་ཤོས་ཅིག་ཨིན་མས། བསྡུ་སྒྲིག་འབད་མི་ ཚེ་རིང་བསམ་གྲུབ། Vསྟོབས་གཞི་ཚོགས། རྒྱབ་རྟེན་ཁུངས་གཏུགས། ཀུན་བཟང་ཕྲིན་ལས། (༢༠༠༩) དུས་བཟང་རྣམ་བཤད། ཐིམ་ཕུ། འབྲུག ཀེ་ཨེམ་ཀྲི་དཔེ་སྐྲུན་ལས་སྡེ།

7 weeks ago
SBIP on AI literacy conducted at Bjemina Primary School, Thimphu Dzongkhag.
22 Aug 2026